ན་ཆུང་བྱིས་པའི་དགའ་ཚལ། རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཆེད་སྒྲིག་ལེ་ཚན།
2019.06.01 ཁུངས། ཀློག་གྲངས། 479

【ཅོ་ཀའི་དྲུག་འགྱུར།】དུ་སྤུ་རྒྱལ་སྐད་གཉིས་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་ཚོ་ཞུགས་ནས《གངས་ལྷ་མེ་ཏོག》ཅེས་པའི་བྱིས་གླུ་ཞིག་ན་ཆུང་གྲོགས་པོ་ཡོངས་ཀྱི་དུས་སྟོན་ལ་ལེགས་སྐྱེས་སུ་བསྐུར་ཡོད།

【ཐོས་པ་དགའ་སྐྱེད།】ཚན་པ་འདིའི་ནང་དུ་སྤུ་རྒྱལ་སྐད་གཉིས་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་ཚོ་ཞུགས་ནས《ཨ་ཁུ་རྟ་རྒན》ཞེས་པའི་གནའ་གཏམ་ཞིག་དང་གྲོགས་པོ་ཆུང་ཆུང་གནམ་ལྕགས་རྡོ་རྗེ་ཡིས་གྱེར་འདོན་བྱས་པའི་སྙན་ངག《དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕུལ་བ》ཞེས་པ་དང་། ད་དུང་ལག་རྩེད་སྐོར་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】གི་འཛམ་གླིང་གི་སྐྱེས་ཆེན་དམ་པ་ངོ་སྤྲོད་ལས《ཤེས་པ་ཀུན་འཛོམས་ཀྱི་མཁས་ཆེན་ཡ་ལི་ཧྲི་ཏུའོ་ཏི》ལགས་ངོ་སྤྲོད་བྱས་ཡོད། དེ་མིན་འཛམ་གླིང་ཡུལ་གྲུ་སོ་སོའི་བྱིས་པའི་དུས་ཆེན་ཡང་རགས་བསྡུས་སྒོས་ངོ་སྤྲོད་བྱས་ཡོད་ལ། མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཨ་སྲས་དུག་སེལ་ལགས་ཀྱིས་ཆེད་དུ་དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕུལ་བའི་སྙན་ངག《གཅེས་ཕྲུག་ཚོ།   བྱིས་པའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ》ཞེས་པའང་གྱེར་ཀློག་བྱས་ཡོད། མཇུག་ཏུ་སློབ་ཆུང་སློབ་མའི་རྒྱུན་ཤེས་སུ“ཉི་ཟླ་གཡང་དྲུང”ངོ་སྤྲོད་བྱས་ཡོད།

ཐེངས་འདིའི་ལེ་ཚན་ནང་ཞུགས་པའི་སྤུ་རྒྱལ་སྐད་གཉིས་བྱིས་སྐྱོང་ཁང་གི་དགེ་རྒན་ཨ་འཁོར་འཇིགས་མེད་དང་གྲོགས་པོ་ཆུང་ཆུང་ཚོའི་མཉམ་པར།

གྱེར་འདོན་པ་ཆུང་ཆུང་གནམ་ལྕགས་རྡོ་རྗེ།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com