ན་ཆུང་བྱིས་པའི་དགའ་ཚལ།ཤེས་རབ་ལྡན་པས་དཔེ་ཆ་ཀློག་པར་འཛིན་ལྟ་ཚུལ་གང་འདྲ་བཟུང་ཡོད།
2019.07.12 ཁུངས། ཀློག་གྲངས། 67

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་ལ། རིག་པའི་སྐར་ཁུང་གི་ནང་དུ་ཤེས་རབ་ལྡན་པས་དཔེ་ཆ་ཀློག་པར་བཟུང་བའི་ལྟ་ཚུལ་དང་འབྲེལ་ནས་གྲོགས་པོ་ཆུང་ཆུངཚོས་ཇི་ལྟར་བྱིས་སྒྲུང་ཀློག་པའི་ཐབས་ཤེས་འགའ་ངོ་སྤྲོད་བྱེད་པ། ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ང་རང་བོད་ཀྱི་བྱིས་པ་ཆུང་ཆུང་ཡིན་ཞེས་པ་དང་སྤང་རྒྱན་མེ་ཏོག་ཅེས་པའི་བྱིས་གླུ་སྙན་མོ་གཉིས་བཀོད་སྒྲིག་བྱས་ཡོད་ལ། ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱལ་བོའི་ན་བཟའ་གསར་བ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད། 

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།