ན་ཆུང་བྱིས་པའི་དགའ་ཚལ། དཔེ་ཆ་བཀླགས་ཡུན་ཆེས་ལེགས་ཤོས་ཀྱི་དུས་ཚོད་ནི་ག་ཙམ་ཡིན།
2019.07.18 ཁུངས། ཀློག་གྲངས། 115

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར།ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་དེ། རིག་པའི་སྐར་ཁུང་གི་ནང་དུ་དཔེ་ཆ་བཀླགས་ཡུན་ཆེས་ལེགས་ཤོས་ཀྱི་དུས་ཚོད་ནི་ག་ཙམ་ཡིན་ཞེས་པ་དང་འབྲེལ་ནས་ང་ཚོའི་གམ་གྱི་སྲོག་ཆགས་ཆུང་ཆུང་གྲོག་མའི་འཇིག་རྟེན་ནི་ཇི་འདྲ་ཞིག་ཡིན་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱེད་པ། ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཨ་རྩེད་ད་རྩེད་དང་ང་ཚོར་མེས་པའི་བཞག་པའི་ནོར་བུ་ཡོད་ཅེས་པའི་གླུ་དབྱངས་གསར་བ་ཞིག་བཀོད་སྒྲིག་བྱས་ཡོད། ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྭ་བྲག་ལ་འགོས་ན་སྣང་བ་ཇེ་མཐོ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།