【ཅོ་ཀའི་དྲུག་འགྱུར།】དུ《ཨ་མ་ལོ་ལོ། ཨ་ཕ་ལོ་ལོ།》དང《བསྟོད་གླུ》ཞེས་པའི་བྱིས་གླུ་གཉིས་བཀོད་སྒྲིག་བྱས་ཡོད།【ཐོས་པ་དགའ་སྐྱེད།】ཚན་པ་འདིའི་ནང་དུ《སྤྱང་ཀི་དང་ལུ་གུ》ཞེས་པའི་གནའ་གཏམ་ཞིག་དང་བཤད་པ་ཞིག་བཀོད་སྒྲིག་བྱས་ཡོད།【རིག་པའི་སྐར་ཁུང་།】གི་འཛམ་གླིང་གི་སྐྱེས་ཆེན་དམ་པ་ངོ་སྤྲོད་ལས《མི་ནག་བྲན་གཡོག་བཅིངས་འགྲོལ་གཏོང་བའི་བསྒྲགས་གཏམ་འགྲེམས་སྤེལ་བྱེད་མཁན་ལིན་ཁེན》ལགས་ངོ་སྤྲོད་བྱས་ཡོད། སློབ་ཆུང་སློབ་མའི་བདེ་ཐང་རྒྱུན་ཤེས་སུ“སོ་ན་བའི་ནད་ཀྱི་རྒྱུ་རྐྱེན་དང་བཅོས་ཐབས”ཞེས་པ་ངོ་སྤྲོད་བྱེད་རྒྱུ་ཡིན། དེ་མིན་ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཕུལ་བྱུང་རྩོམ་ཡིག་གཅེས་བསྡུས་ལས《དཔེ་ཆ་ཉོ་བ》ཞེས་པ་གྱེར་ཀློག་བྱེད་རྒྱུ་ཡིན།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ཁྲིད་གཏོང་བ། རིག་འཛིན་སྒྲོལ་མ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com