【ཅོ་ཀའི་དྲུག་འགྱུར།】ནང་དུ《ང་ནི་སློབ་མ་ཆུང་ཆུང་ཡིན》ཞེས་པ་དང《དཔྱིད་ཀ་སླེབས་བྱུང》ཞེས་པའི་བྱིས་གླུ་གཉིས་བཀོད་སྒྲིག་བྱས་ཡོད། 【ཐོས་པ་དགའ་སྐྱེད།】ནང་དུ་མི་རོ་རྩེ་སྒྲུང་གི《སྤུན་ཟླ་དྲུག》ཅེས་པའི་གནའ་གཏམ་ཞིག་བཀོད་སྒྲིག་བྱས་ཡོད། 【རིག་པའི་སྐར་ཁུང་།】ནང་དུ“ཁཱ་ཨར་ཝེ་ཐིའི་སློབ་གསོའི་མན་ངག་ལས་རང་མགོ་ཐོན་ནུས་པའི་སྙིང་སྟོབས་སྐྱེད་སྲིང་བྱེད་པ”དང་སྐྱེས་ཆེན་ངོ་སྤྲོད་ལས“མཁས་གྲུབ་དགེ་ལེགས་དཔལ་བཟང”ལགས་ངོ་སྤྲོད་རགས་ཙམ་བྱས་ཡོད།
རྩོམ་སྒྲིག་པ། པདྨ་སྐྱིད།
མདོ་འཛིན་པ། པདྨ་སྐྱིད།
ཁྲིད་གཏོང་བ། ཚེ་མགོན་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ལྷ་བརྟན།