ན་ཆུང་བྱིས་པའི་དགའ་ཚལ། སློབ་གསོ་པུའུ་ཡི་དྲ་སྟེང་དུ་བསྒྲགས་པའི་སྔོན་བརྡ་གསར་བ།
2020.02.21 ཁུངས། ཀློག་གྲངས། 287

ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་མོ་ཆུང་ཆུང་བཀྲ་ཤིས་སྒྲོལ་མས་བླངས་པའི་ཏོག་གསར་གློ་ཚད་སྔོན་འགོག་ཐད་ཀྱི་བྱིས་གླུ《གོས་དཀར་ལྷ་ཚོགས།》ཞེས་པ་བཀོད་སྒྲིག་བྱས་ཡོད།

ཐོས་པ་དགའ་སྐྱེད】ནང་དུ《ཨ་ཧྥིན་ཐའེ》དང་《ཕ་སེམས་བུ་ཐོགས་དང་བུ་སེམས་རྡོ་ཐོགས》ཞེས་པའི་བྱིས་སྒྲུང་གཉིས་བཀོད་སྒྲིག་བྱས་ཡོད།

རིག་པའི་སྐར་ཁུང】ནང་དུ་འཛམ་གླིང་གི་སྐྱེས་ཆེན་ངོ་སྤྲོད་ལས“རོ་མ་རྒྱལ་ཁབ་ཀྱི་རྨང་འདིང་མཁན་ཁའེ་ས”ལགས་ངོ་སྤྲོད་བྱས་ཡོད། ཆུང་འབྲིང་སློབ་མའི་ལེགས་རྩོམ་གཅེས་བསྡུས་ལས“ཨ་ཕ་སྡེ་དཔོན་ལ་བསྐོར་རྗེས”ཞེས་པ་བཀོད་སྒྲིག་བྱས་ཡོད། དེ་མིན་ཟླ2ཚེས17ཉིན་སློབ་གསོ་པུའུ་ཡི་དྲ་སྟེང་དུ་བསྒྲགས་པའི《རྒྱལ་ཡོངས་ནས་སློབ་གསོའི་གྲོན་དངུལ་གང་བྱུང་དུ་བསྡུ་བ་བཅོས་སྐྱོང་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་གཞུང་ལས་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྐབས་སུ་དྲ་རྒྱའི་བརྒྱུད་ལམ་སྤྱད་དེ་སློབ་ཁྲིད་ཀྱི་མིང་ཐོག་ནས་གྲོན་དངུལ་གང་བྱུང་དུ་བསྡུ་བའི་མགོ་གཡོག་མགོ་སྐོར་སྔོན་བརྡའི་སྐོར(2020ལོའི་ཚེས་1ཉིན།)》གྱི་ནང་དོན་བཀོད་སྒྲིག་བྱས་ཡོད།

གླུ་མ་ཆུང་ཆུང་བཀྲ་ཤིས་སྒྲོལ་མའི་ངོ་སྤྲོད་མདོར་བསྡུས།

བཀྲ་ཤིས་སྒྲོལ་མ་ནི་ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཡུལ་ཚོ་སྦུག་ཕུ་སྡེ་བར་སྐྱེས་ཤིང་། ཁོ་མོ་ད་ལོ་ལོ་བདུན་ཙམ་ཡིན། ད་ལྟར་ཆུ་དམར་ལེབ་རྫོང་བུ་བཅོལ་ཁང་དང་པོ་ནས་སློབ་གཉེར་བྱེད་བཞིན་ཡོད། མོ་རང་ཉིད་ནི་ཆུང་དུས་ནས་གླུ་ལེན་ལ་ཧ་ཅང་དགའ་ཞེན་ཆེ་བའི་བྱིས་པ་ཆུང་ཆུང་ཞིག་ཡིན་ཞིང་།རང་གི་དགའ་ཕྱོགས་ལ་ནུས་ཤུགས་འདོན་ནས་རང་ཉིད་ཀྱི་ཁྱད་ཆོས་ཕྱིར་མངོན་ཕོད་པའི་སྤོབས་སེམས་ལྡན་ལ། བློ་རིག་གསལ་ཞིང་ཀུན་སྤྱོད་བཟང་བའི་བྱིས་པ་ཞིག་ཀྱང་ཡིན། ད་དུང་། ཁོ་མོའི་ཁྱིམ་བདག་ཕ་མ་གཉིས་པོས་ཀྱང་། མོའི་དགའ་ཕྱོགས་ལ་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་དང་སློབ་གསོ་སྐུལ་མ་གནང་བཞིན་ཡོད། བུ་མོ་རང་ཉིད་ཡང་དགེ་རྒན་བཟང་པོའི་སློབ་ཁྲིད་ལ་བློ་གཅིག་སེམས་གཅིག་གི་སྒོ་ནས་ཉན་ཏེ། རང་གི་མ་འོངས་པའི་གླུ་ལེན་གྱི་སྒྱུ་རྩལ་དང་ཤེས་རིག་གི་མདུན་ལམ་ལ། འབད་འབུངས་དང་བརྩོན་ལེན་ལྷོད་མེད་བྱས་ནས། གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་ཐུབ་པའི་སྙིང་སྟོབས་དང་ཡིད་ཆེས་ཀྱིས་ཁེངས་ཡོད། 

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་བ། བསམ་འགྲུབ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com