ན་ཆུང་བྱིས་པའི་དགའ་ཚལ། ཁྱིམ་བདག་ལ་བསྐུར་བའི་འཕྲིན།
2020.03.02 ཁུངས། ཀློག་གྲངས། 55

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་ལ། རིག་པའི་སྐར་ཁུང་གི་ནང་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིའུ་ཉིང་རྣམ་གགཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་སློབ་མའི་ཁྱིམ་བདག་ལ་བསྐུར་བའི་འཕྲིན་ཡིག་གི་ནང་དོན་གཙོ་བོ་སྒྲོག་འདོན་དང་། “ཏོག་གསར་གཉན་རིམས་ཀྱིས་བྱིས་པ་ཆུང་ཆུང་ལ་དམིགས་བསལ་སྟེར་རམ”ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་དྲི་བ་དྲིས་ལན་གྱི་ཚུལ་དུ་ངོ་སྤྲོད་བྱས་ཡོད། ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་གཡང་འཛིན་ལྷ་མོས་བླངས་པའིང་ཚོ་སློབ་གྲྭར་འགྲོཞེས་པའི་གླུ་དབྱངས་སྙན་མོ་ཞིག་དང་།  ཐོས་པ་དགའ་སྐྱེད་ཀྱི་ནང་དུསྤྱང་གྲུང་ལྡན་པའི་ལུ་གུ་ཆུང་ཆུངཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།   


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།