ན་ཆུང་བྱིས་པའི་དགའ་ཚལ། ༼ཁྱིམ་ལ་བཞུགས་རོགས།༽
2020.03.06 ཁུངས། ཀློག་གྲངས། 69

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་དུ་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་ལ།རིག་པའི་སྐར་ཁུང་གི་ནང་དུ་གྲོགས་པོ་ཆུང་ཆུང་ཚོས་ངེས་པར་དུ་ཤེས་དགོས་པའི་ཏོག་གསར་གློ་ཚད་རིམས་ནད་དང་འབྲེལ་བའི་ཤེས་བྱ་ཐུང་ངུ་ཞིག་དྲི་བ་དྲིས་ལན་གྱི་ཚུལ་གྱིས་ངོ་སྤྲོད་དང་རྟོགས་སད་ལྷ་མོས་བྲིས་པའི་ཁྱིམ་ལ་བཞུགས་རོགས་ཞེས་པའི་ཀ་རྩོམ་ཞིག་ཀློག་འདོན་བྱས་ཡོད།  ཐོས་པ་དགའ་སྐྱེད་ཀྱི་ནང་དུ་གྲོགས་པོ་ཆུང་ཆུང་ཐར་མཆོག་གིས་བཤད་པའི་མི་དང་ཀླུའི་དབར་གྱི་རྩོད་གླེང་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་འཐུན་མཉམ་གནས་ཀྱིས་འཚོ་བ་དང་རི་སྐྱེས་སྲོག་ཆགས་ལ་རང་གི་གྲོགས་ལྟར་སྲུང་སྐྱོང་དང་བརྩི་བཀུར་བྱེད་པར་འབོད་སྐུལ་བཏང་ཡོད། ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་མེ་ཏོག་ཚན་སྡེབ་ཀྱིས་བླངས་པའི་རི་ཁ་བ་ཅན་གྱི་མེ་ཏོག་ཞེས་པ་དེ་ཀུན་གྱི་སྙན་ལམ་དུ་འབུལ་ཡོད།

                                  གདུག་རྩུབ་ཆེ་བའི་ཏོག་གསར་གློ་ཚད་ནད་འབུ་ལ་གཟབ་རོགས།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ། 

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན། 

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།