ན་ཆུང་བྱིས་པའི་དགའ་ཚལ། གྲོང་གསེབ་ཀྱི་ཙི་གུ་དང་གྲོང་རྡལ་གྱི་ཙི་གུ
2020.03.09 ཁུངས། ཀློག་གྲངས། 85

ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་བཀྲ་ཤིས་སྒྲོལ་མས་བླངས་པའི་བྱིས་གླུ《གོས་དཀར་ལྷ་ཚོགས》ཞེས་པ་དང《མི་རིགས་ཀྱི་རེ་བ》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།【ཐོས་པ་དགའ་སྐྱེད】ནང་དུ་འཛམ་གླིང་བྱིས་སྒྲུང་གྲགས་ཅན《གྲོང་གསེབ་ཀྱི་ཙི་གུ་དང་གྲོང་རྡལ་གྱི་ཙི་གུ》ཞེས་པ་དང་གར་ཆུང《སློབ་ཁྲིད》ཅེས་པ་བཀོད་སྒྲིག་བྱས་ཡོད།【རིག་པའི་སྐར་ཁུང】ནང་དུ་འཛམ་གླིང་གི་སྐྱེས་ཆེན་ངོ་སྤྲོད་ལས“ཨ་མེ་རི་ཁའི་རྒྱལ་ཁབ་འཛུགས་མཁན་ཧྭ་ཧྲན་ཏུན”ལགས་ངོ་སྤྲོད་བྱེད་རྒྱུ་ཡིན། ཆུང་འབྲིང་སློབ་མའི་ལེགས་རྩོམ་གཅེས་བསྡུས་ལས“ཆུ་མིག་སྔོ་ར”ཞེས་པ་བཀོད་སྒྲིག་བྱས་ཡོད། དེ་མིན“སློབ་གྲྭའི་རིམས་ནད་བྱུང་ཚུལ་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལ་དམ་འཛིན་བྱས་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་བདེ་འཇགས་ལ་འགན་ལེན་མཐའ་གཅིག་ཏུ་བྱ་དགོས”ཞེས་པའི་ནང་དོན་རགས་ཙམ་ངོ་སྤྲོད་བྱས་ཡོད།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་བ། བསམ་འགྲུབ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com