ན་ཆུང་བྱིས་པའི་དགའ་ཚལ། ༼སློབ་འགོ་ཚུགས་པའི་གྲ་སྒྲིག༽
2020.03.11 ཁུངས། ཀློག་གྲངས། 843

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནངརིག་པའི་སྐར་ཁུངདང་ཅོ་ཀའི་དྲུག་འགྱུརཐོས་པ་དགའ་སྐྱེདབཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་ལ། རིག་པའི་སྐར་ཁུངགི་སློབ་འགོ་རྩོམ་ལ་ཉེ་བའི་སྐབས་འདིར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དཔྱི་ས་ཞང་དཀྱིལ་སྙིང་བྱིས་སྐྱོང་ཁང་གི་སློབ་གཙོ་ཚེ་རིང་ལྷ་མོ་སྐུད་ལམ་ལ་གདན་དྲངས་ནས་སློབ་འགོ་རྩོམ་པའི་གྲ་སྒྲིག་གི་བྱ་བའི་ཐད་ནས་རིམས་འགོག་གི་བྱ་བ་ཇི་ལྟར་སྒྲུབ་བཞིན་པའི་ཐད་ལ་རྒྱུས་ལོན་དང་། ཁྱིམ་བདག་དང་གྲོགས་པོ་ཆུང་ཆུང་ཚོས་ཕྱོགས་གང་དག་ལ་མཉམ་འཇོག་དང་དོ་སྣང་བྱེད་དགོས་པའི་ཐད་ནས་བཅར་འདྲི་བྱས་ཡོད། ཅོ་ཀའི་དྲུག་འགྱུརགྱི་ནང་དུ་ཟླ་བ་གཡང་འཛོམས་ཀྱིས་བླངས་པའི་མཛའ་མཐུན་གླུ་གཞས་ཞེས་པ་བཀོད་སྒྲིག་བྱས་ཡོད་ལ། ཐོས་པ་དགའ་སྐྱེདཀྱི་ནང་དུ་རྒྱལ་བོའི་ན་བཟའ་གསར་བ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།

                           དཔྱི་ས་ཞང་དཀྱིལ་སྙིང་བྱིས་སྐྱོང་ཁང་གི་གླིང་གཙོ་ཚེ་རིང་ལྷ་མོ།

                                             རི་མོ་འབྲི་བཞིན་པའི་གླིང་གཙོ་ཚེ་རིང་ལྷ་མོ།


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།