【ཅོ་ཀའི་དྲུག་འགྱུར】ནང་དུ《ང་ནི་མེ་ཏོག་ཆུང་ཆུང་ཡིན》ཞེས་པའི་བྱིས་གླུ་ཞིག་དང་དམངས་གླུ་ཞིག་བཀོད་སྒྲིག་བྱས་ཡོད།【ཐོས་པ་དགའ་སྐྱེད】ནང་དུ་འཛམ་གླིང་བྱིས་སྒྲུང་གྲགས་ཅན《སྐྲ་སུ་ལུ་མ་དང་དོམ་གསུམ》ཞེས་པ་བཀོད་སྒྲིག་བྱས་ཡོད།【རིག་པའི་སྐར་ཁུང】ནང་དུ་འཛམ་གླིང་གི་སྐྱེས་ཆེན་ངོ་སྤྲོད་ལས“ཧྥ་ལན་ཞི་བཙན་རྒྱལ་པའི་རྒྱལ་ཁབ་འཛུགས་མཁན་ན་ཕོ་ལུན།”ལགས་ངོ་སྤྲོད་བྱེད་རྒྱུ་ཡིན། ཆུང་འབྲིང་སློབ་མའི་ལེགས་རྩོམ་གཅེས་བསྡུས་ལས“སློབ་གྲྭའི་འཚོ་བ”ཞེས་པ་བཀོད་སྒྲིག་བྱས་ཡོད། དེ་མིན་སློབ་ཆུང་སློབ་མའི་ཐང་བདེ་རྒྱུན་ཤེས་སུ“མཚོ་སྔོན་ཞིང་ཆེན་གྱི་ཆུང་འབྲིང་སློབ་མའི་ཏོག་དབྱིབས་ནད་དུག་གསར་བའི་འགོག་སྲུང་ཤེས་བྱ་ལས་ཁྱིམ་དུ་སྡོད་སྐབས་ཀྱི་དོ་དམ་བྱེད་སྟངས་དང་སློབ་འགོ་ཚུགས་དུས་ཀྱི་འགོག་སྲུང་བྱེད་ཐབས”ཞེས་པ་གཉིས་རགས་ཙམ་ངོ་སྤྲོད་བྱས་ཡོད།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ཁྲིད་གཏོང་བ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com