ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད །
༡ རིག་པའི་སྐར་ཁུང་གི་ནང་དུ་སློབ་འགོ་རྩོམ་ལ་ཉེ་བའི་དུས་འདི་དང་བསྟུན་ནས་བཅའ་སྡོད་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་ཚོ་དང་ཁྱིམ་བདག་རྣམ་པས་སློབ་འགོ་རྩོམ་པར་དམིགས་བསལ་གྱིས་གྲ་སྒྲིག་ཇི་ལྟར་བྱེད་པའི་ཐད་ནས་རྩེ་ཁོག་རྫོང་རྩེ་གཞུང་ཐང་བཅའ་སྡོད་སློབ་གྲྭའི་སློབ་གཙོ་གཞོན་པ་སྐལ་ཁོ་ལགས་དང་ཁ་བརྡ་ཐུང་ངུ་བྱས་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སྒྲོལ་མ་སྐྱབས་ཀྱིས་བླངས་པའི་བུ་ཆུང་ང་རང་ཞེས་པའི་གླུ་དབྱངས་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཨ་ཁུ་རིག་བྷའི་ལུག་ཁྱུ་ཞེས་པའི་གཏམ་རྒྱུད་ཅིག་བཤད་ནས་འཚོ་བའི་ཁྲོད་མི་གཞན་གྱི་ངལ་རྩོལ་གྱི་འབྲས་བུ་ལ་བརྩི་འཇོག་བྱེད་དགོས་པའི་གནས་ལུགས་ཐུང་ངུ་ཞིག་བཤད་པ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།