ན་ཆུང་བྱིས་པའི་དགའ་ཚལ། རྫ་སྟོད་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ལེགས་སྐྱེས། ཁག་པོ།
2020.04.01 ཁུངས། ཀློག་གྲངས། 1458

【རིག་པའི་སྐར་ཁུང】ནང་དུ“སློབ་འགོ་ཚུགས་རྗེས་པྲོག་གསར་གློ་ཚད་སྔོན་འགོག་ཐད་ཀྱི་གྲ་སྒྲིག་སྐོར་རགས་ཙམ་གླེང་བ”ཞེས་པའི་བཅར་འདྲི་ཐུང་ཐུང་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་རྫ་སྟོད་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་འཇམ་དབྱངས་ལགས་ཡིན།

ཅོ་ཀའི་དྲུག་འགྱུར】ནང་དུ་རྫ་སྟོད་རྫོང་མི་རིགས་སློབ་འབྲིང་གཉིས་པའི་གྲོགས་པོ་ཆུང་ཆུང་ཚོས་བསྐྱལ་ཡོང་བའི་གླུ་དང་གླུ་དབྱངས་མགུར་མོ་བཅས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་རྫ་སྟོད་རྫོང་མི་རིགས་སློབ་འབྲིང་གཉིས་པའི་གྲོགས་པོ་ཆུང་ཆུང་ཚོས་བསྐྱལ་ཡོང་བའི་སྒྲུང་དང་གནའ་གཏམ་དང་དར་བཤད་བཅས་བཀོད་སྒྲིག་བྱས་ཡོད།

རྫ་སྟོད་རྫོང་མི་རིགས་སློབ་འབྲིང་གཉིས་པའི་བོད་སྐད་ཡིག་ཁྲིད་དཔྱོད་ཁང་གི་ངོ་སྤྲོད་རགས་བསྡུས།

སྤྱི་ལོ་༢༠༡༣ལོར་རྫ་སྟོད་རྫོང་མི་རིགས་སློབ་འབྲིང་གཉིས་པ་དབུ་བརྙེས་པ་ནས་ད་ལྟའི་བར་བགྲང་བྱ་དྲུག་ལྷག་འགོར་ཞིང་། འདས་པའི་བགྲང་བྱ་དེ་དག་གི་རིང་ལ་རང་རེའི་བོད་སྐད་ཡིག་ཁྲིད་དཔྱོད་ཁང་གི་དགེ་རྒན་རྣམ་པས་ལྷག་བསམ་ཟོལ་མེད་དང་རང་ནུས་ཅི་ལྕོགས་ཀྱིས་སློབ་བུ་རྣམས་ལ་དཔེ་ཁྲིད་བྱས་པ་མ་ཟད།  གཉིད་ཆག་ཟས་བརྗེད་དང་དཀའ་བ་ཁྱད་གསོད་ཀྱིས་ཁྲིད་གཞི་ཞིབ་འཇུག་གི་ལས་ལ་གཞོལ་པ་ལས་གཞན་བོད་ཀྱི་ཡུལ་སྲོལ་རིག་གནས་སྤྱི་དང་སྒོས་སུ་ཡུལ་དགེ་འབྲོང་ཡུལ་གྱི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་རིག་གནས་ཐམས་ཅད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་ཆེད་གུང་གསེང་གི་དུས་ཚོད་བེད་སྤྱད་དེ་དམངས་གླུ་འགྲན་སྡུར་དང་གར་ཆུང་འཁྲབ་སྟོན། ཤེས་རིག་འགྲན་སྡུར། གཏམ་བཤད་འགྲན་སྡུར་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ། དེ་མིན། སློབ་གྲོགས་རྣམས་ཀྱི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་དང་རྩོམ་རིག་གི་བློ་སྦྱོང་མཐོར་འདེགས་གཏོང་ཆེད་མི་སྣ་ཆེད་མངགས་ཀྱིས་ཟླ་རེར་རྩོམ་ཡིག་འགྲན་སྡུར་ཐེངས་གཅིག་ནས་གཉིས་སྤེལ་པ་དང་། ཨང་རིམ་ནང་ཚུད་པའི་འགྲན་རྩོམ་དག་ལ་ཞུ་དག་བྱས་ཏེ་སློབ་རེའི་ཚགས་པར་སྟེང་བཀོད་དེ་སློབ་གྲོགས་རྣམ་པ་རྩོམ་པའི་ལས་ལ་འཇུག་པར་སྐུལ་སློང་བྱས་པས་རིམ་གྱིས་སློབ་རའི་ནང་དུ་རྩོམ་ཡིག་འབྲི་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། སློབ་མའི་སྦྱང་རྩོམ་སྐོར་ཞིག་གངས་རྒྱན་ན་ཆུང་ཚགས་པར་སྟེང་དུའང་འགོད་ཐུབ་པ་བྱུང་། གཞན།  སྤྱི་ལོ་༢༠༡༨ལོའི་ལོ་མགོར་སློབ་མའི་ལེགས་རྩོམ་གཅེས་བཏུས་ཀྱི་སློབ་རའི་ལོ་དེབ་ཐོག་མ་སྟེ་མེ་ལྕེ་ཡང་བདེ་ལེགས་ངང་པར་སྐྲུན་བྱས། དེ་ལྟར་ལོ་ངོ་དྲུག་ལྷག་རིང་གི་འབད་པ་རྒྱུན་མཐུད་པའི་དེང་གི་ཆར་བྱ་གཞག་ཐམས་ཅད་སྒོ་ཀུན་ནས་ཡར་རྒྱས་དང་གོང་འཕེལ་འགྲོ་བཞིན་པ་ལགས་སོ།།

ཐེངས་འདིའི་བྱ་འགུལ་རྩ་འཛུགས་བྱེད་མཁན་རྫ་སྟོད་རྫོང་མི་རིགས་སློབ་འབྲིང་གི་བོད་ཡིག་ཁྲིད་དཔྱོད་ཁང་གི་རྒན་འཇམ་དབྱངས། ཚེ་བཀྲ།  པདྨ་རྒྱ་མཚོ།  ཡེ་ཤེས་ཚེ་རིང་།  ཚེ་རིང་རྒྱ་མཚོ།  རྒན་ཕྱག་རྡོར་བཅས་ཀྱི་མཉམ་པར།

ཐེངས་འདིའི་ཐད་གཏོང་སྐུད་ལམ་དུ་ཞུགས་པའི་སློབ་གྲོགས་དག་གི་མཉམ་པར།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་བ། ཚེ་མགོན་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com