ན་ཆུང་བྱིས་པའི་དགའ་ཚལ།སྨྱུག་སྒམ་ནང་གི་གསང་བ།
2020.04.03 ཁུངས། ཀློག་གྲངས། 225

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད །

༡ རིག་པའི་སྐར་ཁུང་གི་ནང་དུ་གྲོགས་པོ་ཆུང་ཆུང་ཚོའི་འཕྲོད་བསྟེན་དང་འབྲེལ་ནས་བྱིས་པ་ཆུང་ཆུང་གི་སོ་ལ་བདག་སྐྱོང་ཇི་ལྟར་བྱེད་དགོས་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད།

༢  ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གཞས་མ་ཆུང་ཆུང་ཟླ་བ་གཡང་འཛོམས་ངོ་སྤྲོད་དང་མོས་བླངས་པའི་ང་དང་ལུ་གུ་ཆུང་ཆུང་ཞེས་པའི་བྱིས་གླུ་གསར་བ་ཞིག་བཀོད་སྒྲིག་བྱས་ཡོད།

༣  ཐོས་པ་དགའ་སྐྱེད་ཀྱི་ནང་དུ་བུ་དགའ་བ་འབུམ་གྱིས་རྟ་བཏུལ་བ་ཞེས་པའི་གཏམ་རྒྱུད་ཅིག་བཤད་པ་བརྒྱུད་གྲོགས་པོ་ཆུང་ཆུང་ཚོས་ཚེ་སྲོག་ཀུན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པའི་གནས་ལུགས་ཐུང་ངུ་ཞིག་བཤད་ཡོད།



                                               གཞས་མ་ཆུང་ཆུང་ཟླ་བ་གཡང་འཛོམས། 

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།