ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད །
༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་གྲོགས་པོ་འཚོལ་བ་ཞེས་པའི་གཏམ་རྒྱུད་བརྒྱུད་ནས་གྲོགས་པོ་ལ་བློ་དཀར་བ་དང་གྲོགས་པོའི་སྐྱོན་ཡོན་གཉིས་ཀ་དང་ལེན་བྱེད་ཐུབ་དགོས་པའི་གནས་ལུགས་ཐུང་ངུ་ཞིག་བཤད་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ན་ཆུང་གཞས་མ་ལས་དབང་ལྷ་མོས་བླངས་པའི་ང་ཡི་གསལ་བཤད་སུམ་ཅུ་ཞེས་པའི་གླུ་དབྱངས་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་དཔེ་ཆ་ལས་འཛམ་གླིང་རྟོགས་ཐུབ་ཞེས་པའི་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་ཐུང་ངུ་ཞིག་དང་བྱིས་པ་ཆུང་ཆུང་གི་གམ་ནས་ཐ་མག་འཐེན་པའི་ཉེས་སྐྱོན་ཚབས་ཆེན་ཡིན་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཤད་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།