ན་ཆུང་བྱིས་པའི་དགའ་ཚལ།༼འཛམ་གླིང་དཔེ་ཀློག་ཉིན་མོ་བསུ།༽
2020.04.17 ཁུངས། ཀློག་གྲངས། 146

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད །

༡ རིག་པའི་སྐར་ཁུང་གི་ནང་དུ་འཛམ་གླིང་དཔེ་ཀློག་ཉིན་མོ་ནི་དུས་ནམ་ཞིག་ཡིན་པ་དང་ཇི་ལྟར་བྱུང་བ། དེ་གཏན་འཁེལ་བྱས་པའི་དམིགས་ཡུལ་བཅས་ཀྱི་ཤེས་བྱ་ཐུང་ངུ་ཞིག་དང་བྱིས་པ་ཆུང་ཆུང་གི་དཔེ་ཀློག་གི་མོས་པ་ཇི་ལྟར་སྐྱེད་སྲིང་བྱེད་པའི་ཐབས་ལམ་འགའ་ངོ་སྤྲོད་བྱས་ཡོད།

༢  ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་ཆུང་ཆུང་རྟ་མགྲིན་སྐྱབས་ཀྱིས་བླངས་པའི་ང་ནི་སློབ་མ་ཆུང་ཆུང་ཡིན་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།

༣  ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཕྱུག་པའི་བུ་དང་དབུལ་བུའི་བུ་ཞེས་པའི་གཏམ་རྒྱུད་ཅིག་བཤད་པ་བརྒྱུད་ཤེས་བྱ་དང་ཡོན་ཏན་གྱིས་ཕྱུག་པ་ནི་ཕྱུག་པོའི་མཆོག་ཡིན་པའི་གནས་ལུགས་ཐུང་ངུ་ཞིག་བཤད་ཡོད།


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།