ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད །
༡ རིག་པའི་སྐར་ཁུང་གི་ནང་དུ་འཛམ་གླིང་དཔེ་ཀློག་ཉིན་མོ་ནི་ཇི་ལྟར་བྱུང་བ་དང་གྲོགས་པོ་ཆུང་ཆུང་ཚོས་ཇི་ལྟར་རང་ཉིད་ནས་འགོ་བརྩམས་ཏེ་སའི་གོ་ལར་བདག་སྐྱོང་བྱེད་དགོས་པའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ན་ཆུང་གཞས་པ་སྒྲོལ་མ་སྐྱབས་ཀྱིས་བླངས་པའི་བུ་ཆུང་ང་རང་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱལ་བོ་ཇག་ལ་སོང་བ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།
སའི་གོ་ལ་གཅིག་ལས་མེད།
ང་ཚོས་མཉམ་དུ་སྲུང་སྐྱོབ་བྱེད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།