ན་ཆུང་བྱིས་པའི་དགའ་ཚལ།ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་དཔེ་ཀློག་བྱ་འགུལ་སྤེལ།
2020.04.27 ཁུངས། ཀློག་གྲངས། 92

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་གྱི་ཐད་གཏོང་སྐུད་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་རུ་སྦྲེལ་ཡོད་ལ། ལེ་ཚན་ནང་ཐོས་པ་དགའ་སྐྱེད་དང་རིག་པའི་སྐར་ཁུང་། ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད །

ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་སྐོར་ཞིག་གིས་ཁ་པར་གྱི་སྐུད་ལམ་ནས་རང་གི་དཔེ་ཀློག་གི་མྱོང་ཚོར་བཤད་ཡོད།

༢ རིག་པའི་སྐར་ཁུང་གི་ནང་དུ་སློབ་ཆུང་རིམ་པའི་བོད་ཡིག་ཚན་ཁག་གི་ཚན་གཅོ་རྒན་སྐལ་བཟང་ལགས་ནས་ཐེངས་འདིའི་དཔེ་ཀློག་བྱ་འགུལ་དང་འབྲེལ་ནས་གྲོགས་པོ་ཆུང་ཆུང་ཚོར་ཇི་ལྟར་དཔེ་ཀློག་བྱེད་པའི་ཐབས་ལམ་འགའ་བཤད་ཡོད།

༣ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ང་ཚོ་ནི་མི་རིགས་ཀྱི་རེ་བ་ཡིན་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།


དགེ་རྒན་ཀྱིས་སྣེ་ཁྲིད་དེ་དཔེ་ཀློག་བྱེད་བཞིན་པ།

ལི་ཤུའི་མེ་ཏོག་ཁྲོད་ན་མཛེས་པའི་དཔེ་ཀློག

དཔེ་ཀློག་དབྱངས་རྟ་སློབ་རའི་ཁྱོན་ན་སྙན།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།