ན་ཆུང་བྱིས་པའི་དགའ་ཚལ། ངལ་རྩོལ་ནི་གཟི་བརྗིད་དོ།
2020.05.07 ཁུངས། ཀློག་གྲངས། 94

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་བཀོད་སྒྲིག་བྱས་ཡོད་ལ། རིག་པའི་སྐར་ཁུང་གི་ནང་དུ་རྒྱལ་སྤྱིའི་ལྔ་གཅིག་ངལ་རྩོལ་དུས་ཆེན་ནི་ཇི་ལྟར་བྱུང་ཚུལ་དང་གྲོགས་པོ་ཆུང་ཆུང་ཚོ་ཡང་ངལ་རྩོལ་ལ་དགའ་བའི་མི་ཞིག་བྱེད་རྒྱུ་དང་བྱ་བ་གང་ཞིག་བསྒྲུབ་ན་ཡང་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་དགོས་པར་སྐུལ་ལྩག་དང་གཞན་ཨ་མ་ཞིག་གིས་རང་གི་བུ་ལ་བསྟོད་བསྔགས་བྱས་པའི་གཏམ་རྒྱུད་ཅིག་ཀྱང་བཤད་ཡོད། ཐོས་པ་དགའ་སྐྱེད་ཀྱི་ནང་དུ་དབུལ་བོའི་བུ་དང་རྒྱལ་བོའི་སྲས་མོ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད། 

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།