ན་ཆུང་བྱིས་པའི་དགའ་ཚལ། ༼མིན་ལ་དགའ།༽
2020.05.28 ཁུངས། ཀློག་གྲངས། 145

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་ལ། ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ང་ཡི་གསལ་བཤད་སུམ་ཅུ་གསེར་གྱི་ཉི་ཟླ་ཡིན་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཐབ་ཀའི་གཏམ་རྒྱུད་དང་མིན་ལ་དགའ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད། རིག་པའི་སྐར་ཁུང་གི་ནང་དུ་རི་དྭགས་དང་གཅན་གཟན་གྱི་ཁྱད་པར་ནི་ཅི་ཡིན་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།