ན་ཆུང་བྱིས་པའི་དགའ་ཚལ། ༼ང་ཚོ་དྲུག་གཅིག་ལ་རོལ།༽
2020.06.05 ཁུངས། ཀློག་གྲངས། 702

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དཔལ་ཁ་མི་རིགས་བཅའ་སྡོད་སློབ་ཆུང་དང་ཐུན་ཏེ་རྫོང་གྲོང་གསར་བྱིས་སྐྱོང་ཁང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་ཁྱུང་མཆུ་གནས་སྤོས་མི་སྐྱོང་བཅའ་སྡོད་སློབ་གྲྭ་སོགས་ཀྱི་སློབ་གྲོགས་ཆུང་ཆུང་ཚོས་ཐད་གཏོང་ཁ་པར་གྱི་སྐུད་ལམ་ནས་བོད་མདོ་དབུས་ཁམས་གསུམ་གྱི་གྲོགས་པོ་ཆུང་ཆུང་ཚོར་དྲུག་གཅིག་དུས་ཆེན་ལ་སྨོན་ཚིག་ཞུ་བ་དང་གླུ་དང་གླུ་དབྱངས་སོགས་བླངས་ནས་དུས་ཆེན་གྱི་ལེགས་སྐྱེས་ཕུལ་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གྲོང་གསར་བྱིས་སྐྱོང་ཁང་གི་སློབ་གྲོགས་ཆུང་ཆུང་ཚོས་དྲུག་གཅིག་ལ་སྨོན་ཚིག་ཞུ་བཞིན་པ།

སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཆུང་མཆུ་རྫོང་ཁྱུང་མཆུ་གནས་སྤོས་མི་སྐྱོང་བཅའ་སྡོད་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་ཚོས་དྲུག་གཅིག་ལ་སྨོན་ཚིག་ཞུ་བཞིན་པ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་ཚོས་དྲུག་གཅིག་ལ་སྨོན་ཚིག་ཞུ་བཞིན་པ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དཔལ་ཁ་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་ཚོས་དྲུག་གཅིག་ལ་སྨོན་ཚིག་ཞུ་བཞིན་པ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་ཚོས་དྲུག་གཅིག་ལ་སྨོན་ཚིག་ཞུ་བཞིན་པ།

རྩོམ་སྒྲིག་པ། ནོར་བུ་མཚོ།

མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།