ན་ཆུང་བྱིས་པའི་དགའ་ཚལ།
2020.06.05 ཁུངས། ཀློག་གྲངས། 92

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་ལ།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་ཆུང་ཆུང་ཀུན་བཟང་སྒྲོལ་མས་བླངས་པའི་ནོར་བུ་གླིང་ག་ཞེས་པའི་བྱིས་གླུ་སྙན་མོ་ཞིག་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་སུམ་མདོ་གྲོང་བརྡལ་གྱི་སློབ་གྲོགས་ཆུང་ཆུང་ཚོས་བླངས་པའི་གླུ་ཤགས་ཚན་པ་ཞིག་བཀོད་སྒྲིག་བྱས་ཡོད།

༢  ཐོས་པ་དགའ་སྐྱེད་ཀྱི་ནང་དུ་མ་མོ་མ་བུ་གསུམ་ཞེས་པའི་གཏམ་རྒྱུད་ཅིག་དང་ཝ་འདྲེས་འཁོན་ལན་སློག་པ་ཞེས་པའི་གཏམ་རྒྱུད་ཅིག་བརྒྱུད་ནས་དོན་དག་གང་དང་གང་ལ་འཕྲད་ཀྱང་འཚབ་འཚུབ་མི་བྱེད་པར་བློ་ཞིབ་མོས་མནོ་བསམ་བཏང་སྟེ་ཡང་དག་པའི་ཐག་གཅོད་མ་ནོར་བ་ཞིག་བྱ་ཐུབ་རྒྱུ་ནི་ཤིན་ཏུ་གལ་ཆེ་བས་ན་ཆུང་བྱིས་པ་རྣམས་ཀྱིས་ནུས་པ་འདི་སྤྱོང་བརྡར་གང་ཐུབ་བྱ་དགོས་པའི་ཐད་ཀྱི་གནས་ལུགས་ཐུང་ངུ་ཞིག་བཤད་ཡོད།

༤ རིག་པའི་སྐར་ཁུང་གི་ནང་དུ་གནའ་བོའི་ཀེ་རི་སེའི་མིང་དུ་གྲགས་པའི་མཚན་ཉིད་རིག་པ་བ་དང་བསམ་བློ་བ་པོ་ལ་ཐི་ཡི་ཆུང་དུས་ཀྱི་གཏམ་རྒྱུད་ཐུང་ངུ་ཞིག་བཤད་པ་བརྒྱུད་དོན་དག་གང་ཡང་རྒྱུན་འཁྱོངས་བྱེད་དགོས་པའི་གལ་ཆེན་རང་བཞིན་བཤད་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།