ན་ཆུང་བྱིས་པའི་དགའ་ཚལ། མི་བློ་མང་གིས་དོན་མི་འགྲུབ།
2020.06.19 ཁུངས། ཀློག་གྲངས། 76

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གླུ་མ་ཆུང་ཆུང་ཕག་མོ་ཌྰ་ཀི་ཡིས་བླངས་པའི་བུ་མོའི་རེ་བ་སེམས་ན་ཡོད་ཅེས་པ་དང་བསོད་ནམས་འཚོས་བླངས་པའི་སློབ་གྲོགས་ཚོ་ཞེས་པའི་བྱིས་གླུ་གཉིས་བཀོད་སྒྲིག་བྱས་ཡོད།

༢  ཐོས་པ་དགའ་སྐྱེད་ཀྱི་ནང་དུ་བློ་སྣ་མང་བའི་བུ་ཞེས་པའི་བོད་ཀྱི་ངག་རྒྱུན་་གཏམ་རྒྱུད་ཅིག་བཤད་པ་བརྒྱུད་ང་ཚོས་བྱ་བ་གང་ཞིག་བསྒྲུབ་ཀྱང་དེ་ཡི་རྒྱུན་སྐྱོང་དགོས་བ་ལས་སྤྲེའུས་ཁམ་བུ་ཟ་བའི་ཚུལ་བཞིན་བྱ་མི་རུང་བའི་གནས་ལུགས་ཐུང་ངུ་ཞིག་བཤད་ཡོད།

༤ རིག་པའི་སྐར་ཁུང་གི་ནང་དུ་དཔེ་ཆ་ཐེངས་མང་པོར་བཀླག་པ་ལ་དགོས་པ་གང་ཡོད་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་དང་སྐོམ་སེལ་བདུད་རྩིའི་ཆུ་རྒྱུན་གྱི་དཔེ་ཚོགས་ལས་མཚར་སྡུག་རྣམ་པར་བཀྲ་བའི་ལོ་ཟླ་ཞེས་པའི་རྩོམ་ཐུང་ཞིག་ཀློག་འདོན་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།