ན་ཆུང་བྱིས་པའི་དགའ་ཚལ།༼རྫོང་རུ་སློབ་ཆུང་།༽
2020.06.26 ཁུངས། ཀློག་གྲངས། 210

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་གྱི་སྐུད་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྫོང་རུ་སློབ་ཆུང་དུ་སྦྲེལ་ཡོད་ལ། ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད། ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་ཆུང་ཆུང་ཚོས་གླུ་དང་གླུ་དབྱངས། གླུ་ཤགས་སོགས་བླངས་ནས་རང་གི་གླུ་ངག་གི་འཇོན་ཐང་ངོམ་ཡོད་པ་དང་ཐོས་པ་དགའ་སྐྱེད་ཀྱི་ནང་དུ་གནའ་གཏམ་དང་བཤད་པ་སོགས་བཤད་ནས་གཏམ་སྨྲ་ལྕེའི་ཐད་ཀྱི་འཇོན་ཐང་ངོམ་པ། རིག་པའི་སྐར་ཁུང་གི་ནང་དུ་དྲི་བ་དྲིས་ལན་གྱི་ཁྲོད་ནས་ཤེས་རིག་རྩེད་འཇོ་ཐུང་ངུ་ཞིག་ལ་རོལ་བ་བཅས་བྱས་ནས་སློབ་གྲོགས་ཆུང་ཆུང་ཚོ་དང་མཉམ་དུ་སློབ་ཕྱིའི་གུང་གསེང་ལ་རོལ་ཡོད།

སློབ་རའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དགེ་རྒན་སྐར་འབུམ་རྒྱལ་དང་སློབ་གྲོགས་ཆུང་ཆུང་ཚོ།

ཐེངས་འདིའི་ལེ་ཚན་ནང་ཞུགས་མཁན་གྱི་དགེ་སློབ་ལྷན་རྒྱས།

སློབ་རའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཆུང་ཆུང་།

མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།