ན་ཆུང་བྱིས་པའི་དགའ་ཚལ། ༼ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ༽
2020.06.30 ཁུངས། ཀློག་གྲངས། 1048

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་སྐུད་ལམ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ་རུ་སྦྲེལ་ཡོད་ལ་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་ཆུང་ཆུང་ཚོས་ཁ་པར་གྱི་སྐུད་ལམ་ནས་གླུ་དང་གླུ་དབྱངས་སོགས་བླངས་ནས་རང་གི་གླུ་ངག་གི་འཇོན་ཐང་ངོམ་ཡོད།

༢  ཐོས་པ་དགའ་སྐྱེད་ཀྱི་ནང་དུ་གཏམ་རྒྱུད་དང་བཤད་པ། སྒྲུང་སོགས་བཤད་ནས་གཏམ་སྨྲ་ལྕེའི་ཐད་ཀྱི་འཇོན་ཐང་ངོམ་ཡོད།

༤ རིག་པའི་སྐར་ཁུང་གི་ནང་དུ་སློབ་གྲོགས་ཆུང་ཆུང་ཚོའི་བློ་ཁ་དང་འཚམ་པའི་དྲི་བ་སྣ་ཚོགས་དྲིས་ཏེ་སྐུད་ལམ་ནས་རིག་པའི་རྩེད་འཇོར་རོལ་བ་བཅས་བྱས་ནས་སློབ་ཕྱིའི་གུང་གསེང་ལ་རོལ་ཡོད།

ཐེངས་འདིའི་ལེ་ཚན་ནང་ཞུགས་མཁན་གྱི་དགེ་སློབ་ལྷན་རྒྱས།

ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭའི་སྐེ་དཀྲིས་དམར་པོ་རྒྱང་སྒྲོག་ཁང་།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།