ན་ཆུང་བྱིས་པའི་དགའ་ཚལ། ཕ་མའི་སྐད་ཆའི་སྒྱུ་རྩལ།
2020.07.10 ཁུངས། ཀློག་གྲངས། 97

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་མེ་ཏོག་ཚན་སྡེབ་ཀྱིས་བླངས་པའི་རི་ཁ་བ་ཅན་གྱི་མེ་ཏོག་ཞེས་པའི་བྱིས་གླུ་སྙན་མོ་ཞིག་དང་སྒྲོལ་མ་སྐྱབས་ཀྱིས་བླངས་པའི་བུ་ཆུང་ང་རང་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།

༢  ཐོས་པ་དགའ་སྐྱེད་ཀྱི་ནང་དུ་སྤྱང་ཀི་དང་ཝ་མོ་ཞེས་པའི་གཏམ་རྒྱུད་ཅིག་བཤད་པ་བརྒྱུད་རང་ལས་དམན་པའམ་ཉམས་ཆུང་ལ་ཐུབ་ཚོད་དང་བརྙས་བཅོས་བྱེད་མི་རུང་ལ་གལ་ཏེ་དེ་ལྟར་བྱས་ཚེ་ཕྱིས་སུ་རང་ཉིད་དཀའ་ཁག་ལ་ཐུག་པའི་དུས་སུ་རང་ལ་རོགས་རམ་བྱེད་མཁན་གྱི་མི་དང་གྲོགས་པོ་ཡང་མེད་པའི་གནས་ལུགས་ཐུང་ངུ་ཞིག་བཤད་ཡོད།

༤ རིག་པའི་སྐར་ཁུང་གི་ནང་དུ་ཕ་མས་རང་གི་བྱིས་པར་སྐད་ཆ་བཤད་སྐབས་དང་སློབ་གསོ་གཏོང་སྐབས་སྐད་ཆ་བཤད་ཐབས་དང་ཕྱོགས་གང་དག་ལ་མཉམ་འཇོག་བྱེད་དགོས་པའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་མཉམ་རོལ་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ།ཆོས་ཕྱུག་རྒྱལ།