ན་ཆུང་བྱིས་པའི་དགའ་ཚལ། རྒྱུགས་འབྲས་ནི་བྱིས་པའི་འཇོན་ཐང་འཇལ་བྱེད་ཀྱི་རྒྱ་མ་མིན།
2020.07.14 ཁུངས། ཀློག་གྲངས། 99

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་དུས་ཀྱི་རིན་ཐང་ཞེས་པའི་བྱིས་གླུ་སྙན་མོ་ཞིག་དང་རེ་བའི་བུ་ཁྱིམ་ཁང་གི་སློབ་གྲོགས་ཆུང་ཆུང་ཚོས་མཉམ་ལེན་བྱས་པའི་ཕ་མ་ཞེས་པའི་རྡུང་ལེན་ཞིག་བཀོད་སྒྲིག་བྱས་ཡོད།

༢  ཐོས་པ་དགའ་སྐྱེད་ཀྱི་ནང་དུ་དཀར་ཡོལ་ཡིད་བཞིན་ནོར་བུ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།

༣  རིག་པའི་སྐར་ཁུང་གི་ནང་དུ་རྒྱུགས་འབྲས་ནི་བྱིས་པའི་འཇོན་ཐང་མཚོན་བྱེད་ཀྱི་རྒྱ་མ་ཡེ་ནས་མིན་ཞེས་པ་དང་འབྲེལ་ནས་ཁ་བརྡ་ཐུང་ངུ་ཞིག་བྱེད་པ།

མ་ཡུམ་སློབ་གྲྭར་དྲིན་གཟོའི་གུས་ཕྱག་འབུལ།


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།