ན་ཆུང་བྱིས་པའི་དགའ་ཚལ། རྩ་ཆེ་བའི་གཏེར་རྡོ།
2020.07.21 ཁུངས། ཀློག་གྲངས། 102

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད། 

༡  ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་མེ་ཏོག་ཚན་སྡེབ་ཀྱིས་བླངས་པའི་གཅེས་ཕྲུག་གསུམ་ཞེས་པ་དང་ཕག་མོ་བདེ་སྐྱིད་སོགས་ཀྱིས་བླངས་པའི་བཟའ་མི་གསུམ་ཞེས་པའི་བྱིས་གླུ་སྙན་མོ་གཉིས་བཀོད་སྒྲིག་བྱས་ཡོད།

༢  ཐོས་པ་དགའ་སྐྱེད་ཀྱི་ནང་དུ་སློབ་གྲོགས་ཐར་མཆོག་གིས་བཤད་པའི་མི་དང་ཀླུའི་དབར་གྱི་རྩོད་གླེང་ཞེས་པའི་ངག་རྒྱུན་གཏམ་རྒྱུད་ཅིག་དང་རྩ་ཆེ་བའི་གཏེར་རྡོ་ཞེས་པའི་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།

༣ རིག་པའི་སྐར་ཁུང་གི་ནང་དུ་གབ་ཚིག་ཅིག་དང་གྲོགས་པོ་ཆུང་ཆུང་ཚོའི་ཕ་མ་རྣམས་ལ་ཕ་མ་ཐབས་ཤེས་ཅན་གྱིས་བུ་ཕྲུག་སྤྲོ་སྐྱིད་ཅན་གསོ་ཞེས་པའི་གླེང་གཞི་ཞིག་བདམས་ཏེ་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་གྱིས་ཁ་བརྡ་ཉུང་ངུ་ཙམ་བྱེད་པ།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།