ན་ཆུང་བྱིས་པའི་དགའ་ཚལ། ༼ཕ་མའི་ཁ་ལ་ཉན་དགོས་ཀྱང་། ཐམས་ཅད་ཉན་ན་སྐྱོན་དུ་མཐོང་།༽
2020.08.11 ཁུངས། ཀློག་གྲངས། 81

    ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

  ༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཟླ་བ་གཡང་འཛོམས་ཀྱིས་བླངས་པའི་ང་དང་འབའ་འབའ་ལུ་གུ་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།

  ༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཕྱུག་པོའི་བུ་དང་དབུལ་བོའི་བུ་ཞེས་པའི་གཏམ་རྒྱུད་ཅིག་བཤད་པ་བརྒྱུད་མི་ཡི་དབུལ་ཕྱུག་གི་ཁྱད་པར་དེ་དངོས་ཟོག་གི་ཕྱུག་མིན་ཙམ་གྱིས་མི་མཚོན་པར་རྒྱུད་ཤེས་རིག་གིས་ཕྱུག་མིན་ལ་བལྟ་དགོས་པའི་ཐད་ཀྱི་གནས་ལུགས་ཐུང་ངུ་ཞིག་བཤད་ཡོད།

  ༤  རིག་པའི་སྐར་ཁུང་གི་ནང་དུ་ཕ་མའི་ཁ་ལ་ཉན་དགོས་ཀྱང་ཐམས་ཅད་ཉན་ན་སྐྱོན་དུ་མཐོང་ཞེས་པ་དང་འབྲེལ་ནས་བྱིས་པ་སྐྱོང་ཐབས་ཀྱི་ཐབས་ལམ་རགས་ཙམ་ཁ་བརྡའི་ཚུལ་དུ་བཤད་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།