ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སྒྲོལ་མས་བླངས་པའི་ང་རང་བོད་ཀྱི་སློབ་མ་ཆུང་ཆུང་ཡིན་ཞེས་པའི་རྡུང་ལེན་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད་ལ་ཞོར་དུ་གྲོགས་པོ་ཆུང་ཆུང་ཚོས་ཁ་པར་གྱི་སྐུད་ལམ་ནས་གླུ་དང་གླུ་དབྱངས་བླངས་ནས་གླུ་ངག་གི་འཇོན་ཐང་ངོམ་ཆོག
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་བློ་སྣ་མང་པོའི་མི་ཞེས་པའི་གཏམ་རྒྱུད་ཅིག་བཤད་པ་བརྒྱུད་ལས་གང་ཞིག་རྩོམ་ཡང་དེ་མཐའ་འཁྱོལ་དགོས་པའི་ཐད་ཀྱི་གནས་ལུགས་ཐུང་ངུ་ཞིག་བཤད་པ་དང་ཞོར་དུ་གྲོགས་པོ་ཆུང་ཆུང་ཚོས་གཏམ་རྒྱུད་དང་བཤད་པ། སྒྲུང་སོགས་བཤད་ནས་གཏམ་སྨྲ་ལྕེའི་ཐད་ཀྱི་འཇོན་ཐང་ངོམ་ཆོག
༤ རིག་པའི་སྐར་ཁུང་གི་ནང་དུ་བྱིས་པ་ཆུང་ཆུང་གིས་ཁ་པར་སྤྱད་ན་གནོད་འཚེ་གང་འདྲ་ཡོད་པའི་ཐད་ཀྱི་ཁ་བརྡ་ཐུང་ངུ་ཞིག་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་བཤད་པ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།