【ཅོ་ཀའི་དྲུག་འགྱུར】ནང་དུ《ང་དང་ལུ་གུ་ཆུང་ཆུང》ཞེས་པའི་བྱིས་གླུ་ཞིག་དང《ཨ་མཆོད་ཀྱི་ལོ་རྒྱུས་ཀ་རྩོམ》ཞེས་པའི་རྡུང་ལེན་ཞིག་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ《ལེ་ལོན་ཅན་དང་བརྩོན་འགྲུས་ཅན》ཞེས་པའི་གཏམ་རྒྱུད་ཅིག་དང《འབུ་བརྒྱས་དཔོན་ས་རྩོད་པ》ཞེས་པའི་གནའ་གཏམ་ཞིག་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་འཛམ་གླིང་གི་སྐྱེས་ཆེན་གཏམ་རྒྱུད་ལས“གནམ་གྲུ་གསར་གཏོད་པ་ལའེ་ཐེ་སྤུན་མཆེད་གཉིས”ངོ་སྤྲོད་བྱས་ཡོད། བོད་ཀྱི་སློབ་གསོ་གླེང་བའི་གཏམ་ཞེས་པ་ལས“བྱིས་པའི་ཀུན་སྤྱོད་སློབ་གསོའི”ཁག་དྲུག་པ་བཀོད་སྒྲིག་བྱས་ཡོད།
གནམ་ལྕགས་རྡོ་རྗེ། མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་མཁར་གྲོང་སློབ་ཆུང་གི་ལོ་རིམ་བཞི་བའི་འཛིན་གྲྭ་གསུམ་པ།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ཁྲིད་གཏོང་པ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com