ན་ཆུང་བྱིས་པའི་དགའ་ཚལ། སློབ་སྐབས་གསར་བ་འཛུམ་གྱིས་བསུ།
2020.09.01 ཁུངས། ཀློག་གྲངས། 127

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ རིག་པའི་སྐར་ཁུང་གི་ནང་དུ་སློབ་འགོ་རྩོམ་ལ་ཉེ་བའི་སྐབས་འདིར་ཁྱིམ་བདག་དང་སློབ་གྲོགས་ཆུང་ཆུང་ཚོས་ཕྱོགས་གང་དག་ནས་མཉམ་འཇོག་བྱེད་དགོས་པའི་གསལ་འདེབས་དང་ནོར་སླ་བའི་ཡི་གེ་ཚུགས་དང་ཚིགས་གཉིས་ཀྱི་ཁྱད་པར་གསལ་བཤད་བྱས་ཡོད།

༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཀླུ་མོ་ཡག་གིས་བླངས་པའི་ང་ཡི་རྫོང་རུ་སློབ་ཆུང་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།

༤  ཐོས་པ་དགའ་སྐྱེད་ཀྱི་ནང་དུ་མོ་སྟོན་ཕག་མགོ་ཞེས་པའི་བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཅིག་དང་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་ཨ་ཁུ་ཁྲོ་ཐུང་འཕྱི་ཁུང་དུ་འཛུལ་བ་ཞེས་པའི་ཁག་གཉིས་པ་གོ་སླའི་ཚུལ་དུ་བཤད་ཡོད།


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།