ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་དུས་ཀྱི་རིན་ཐང་ཞེས་པའི་གླུ་དབྱངས་ཤིག་དང་ང་ད་ལོ་ལོ་བརྒྱད་ཡིན་ཞེས་པའི་རྡུང་ལེན་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་དབུལ་བོའི་བུ་དང་རྒྱལ་བོའི་སྲས་མོ་ཞེས་པའི་བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཅིག་དང་མི་ཤེས་ཤེས་མདོག་ཞེས་པའི་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་ཅིག ནགས་བྱིས་ཀྱིས་སྲེག་སྒོང་བརླགས་པ་ཞེས་པའི་གཏམ་རྒྱུད་ཅིག་བཅས་བཤད་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་གྲོགས་པོ་ཆུང་ཆུང་ཚོར་ཐེངས་སྔོན་མོའི་གབ་ཚིག་གི་གབ་ལན་བཤད་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།