ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་རིག་པའི་སྐར་ཁུང་དང་ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཨ་ཁུ་ཉི་མ་ཞེས་པ་དང་མཉམ་དུ་རྩེད་ཅེས་པའི་བྱིས་གླུ་སྙན་མོ་གཉིས་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་གསེར་གྱི་འཕང་ལོ་ཞེས་པའི་བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་ནོར་སླ་བའི་ཡི་གེ་ཡིན་དང་རེད་ཅེས་བའི་བཀོལ་སྟངས་ཀྱི་ཁྱད་པར་གསལ་བཤད་དང་གྲོགས་པོ་ཆུང་ཆུང་ཚོ་ཡ་རབས་མཆོག་གྱུར་གྱི་མི་ཞིག་བྱེད་འདོད་ན་ཐོག་མར་གུས་ཚིག་སྤྱོད་པ་ནས་འགོ་རྩོམ་དགོས་ཞེས་པའི་རྒྱུན་ཤེས་ཐུང་ངུ་ཞིག་བཤད་པ། ད་དུང་ཞོར་ཟས་བསྟེན་ན་ལུས་ཕུང་བདེ་ཐང་ལ་གནོད་ཅེས་པའི་ཤེས་བྱ་ཞིག་བཅས་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།