ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་བསོད་ནམས་འཚོས་བླངས་པའི་སེམས་ཁོང་གི་ཉི་མ་ཞེས་པ་དང་བསོད་ནམས་ནོར་བུ་ཡིས་བླངས་པའི་དགེ་རྒན་ལགས། དཀའ་ལས་མྱངས་སོང་ཞེས་པའི་གླུ་དབྱངས་སྙན་མོ་གཉིས་བཀོད་སྒྲིག་བྱས་ཡོད་ལ། གཞན་སློབ་གྲོགས་ཆུང་ཆུང་ཚོས་དྲ་ལམ་ནས་དགེ་རྒན་དུསཆེན་ལ་འབུལ་བའི་ཤིས་ཚིག་འདོན་པ་དང་མཉམ་དུ་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད།
༢ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ནར་སོན་མི་འདོད་པའི་ཐའེ་ལའེ་ཧྲ་ཞེས་པའི་དབྱི་ཐ་ལའི་བྱིས་སྒྲུང་ཞིག་དང་སློབ་གྲོགས་ཆུང་ཆུང་ཀླུ་མོ་སྒྲོལ་མས་གྱེར་འདོན་བྱས་པའི་མི་ཡུལ་གྱི་བྱང་ཆུབ་སེམས་དཔའ་ཞེས་པའི་སྙན་རྩོམ་ཞིག་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་དགེ་རྒན་དུས་ཆེན་གྱི་བྱུང་ཚུལ་དང་འབྲེལ་ནས་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱེད་པ་དང་ང་དང་ངའི་དགེ་རྒན་ཞེས་པའི་རྩོམ་ཐུང་ཞིག་ཀློག་འདོན་བྱས་ཡོད།
དགེ་རྒན་དུས་ཆེན་བསུ་བར་གྲ་སྒྲིག་ལེགས་པོ་བྱས་ཡོད་པའི་སློབ་བུའི་ཚོགས།
དགེ་རྒན་ལགས། དཀའ་ལས་མྱངས་སོང་།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།