ན་ཆུང་བྱིས་པའི་དགའ་ཚལ། ཨ་ཁུ་རིག་ལོའི་ལུག་ཁྱུ།
2020.09.14 ཁུངས། ཀློག་གྲངས། 64

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་རིན་ཆེན་རྣམ་རྒྱལ་གྱིས་བླངས་པའི་ང་ཡི་དབྱངས་གསལ་སོ་བཞི་ཞེས་པའི་གླུ་དབྱངས་སྙན་མོ་ཞིག་དང་གྲོགས་པོ་ཆུང་ཆུང་ཚོས་བླངས་པའི་ཨ་རྩེད་མཉམ་ལེན་ཞིག་བཀོད་སྒྲིག་བྱས་ཡོད།

༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་དགའ་སྐྱིད་ཀྱི་གསང་ཚིག་ཞེས་པའི་གཏམ་རྒྱུད་ཐུང་ངུ་ཞིག་དང་སློབ་གྲོགས་ཕག་མོ་ཚེ་བརྟན་གྱིས་བཤད་པའི་ཨ་ཁུ་ཕྱུག་ལོ་དང་ཨ་ཁུ་རྣམ་རྒྱལ་ཞེས་པའི་བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཅིག ཆུང་འབྲིང་སློབ་མའི་བསླབ་ཕྱིའི་དཔེ་དེབ་མཚེའུ་མེ་ལོང་ཞེས་པ་ལས་ཨ་ཁུ་རིག་ལོའི་ལུག་ཁྱུ་ཞེས་པའི་གཏམ་རྒྱུད་ཅིག་བཅས་བཀོད་སྒྲིག་བྱས་ཡོད།

༣ རིག་པའི་སྐར་ཁུང་གི་ནང་དུ་གསོམ་སྡོང་ཞེས་པའི་རྩོམ་ཐུང་ལེགས་པོ་ཞིག་སློབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་གྱེར་ཀློག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།