
ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཐོས་པ་དགའ་སྐྱེད། ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ རིག་པའི་སྐར་ཁུང་གི་ནང་དུ་རང་ཁྱིམ་ནས་ཇི་ལྟར་སློབ་སྦྱོང་བྱེད་པའི་ཐབས་ཤེས་འགའ་ངོ་སྤྲོད་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་སང་ཉིན་ད་དུང་སང་ཉིན་གྱི་བྱ་བ་ཡོད་ཅེས་པའི་གཏམ་རྒྱུད་ཐུང་ངུ་ཞིག་དང་དཀར་ཡོལ་ཡིད་བཞིན་ནོར་བུ་ཞེས་པའི་བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།
༣ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་བུ་མོ་ཆུང་ཆུང་ཞེས་པའི་བྱིས་གླུ་སྙན་མོ་ཞིག་དང་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པའི་སློབ་གྲོགས་ཆུང་ཆུང་ཚོས་བླངས་པའི་གླུ་ཤགས་ཐུང་ངུ་ཞིག་བཅས་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།