ན་ཆུང་བྱིས་པའི་དགའ་ཚལ། བྱིས་པར་བཟང་བསྟོད་ཇི་ལྟར་བྱེད་དགོས།
2020.09.21 ཁུངས། ཀློག་གྲངས། 90

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡   རིག་པའི་སྐར་ཁུང་གི་ནང་དུ་ང་ཚོས་བྱིས་པར་བཟང་བསྟོད་ཇི་ལྟར་བྱེད་དགོས་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་ཁ་བརྡའི་ཚུལ་དུ་ངོ་སྤྲོད་བྱས་ཡོད།

༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་ཆུང་ཆུང་བསྟན་འཛིན་འཆི་མེད་ཀྱིས་བླངས་པའི་དྲིན་ལྡན་གསེར་གྱི་ཉི་མ་ཞེས་པ་དང་བསོད་ནམས་དབང་ཕྱུག་གིས་བླངས་པའི་ང་ནི་སློབ་མ་ཆུང་ཆུང་ཡིན་ཞེས་པའི་བྱིས་གླུ་སྙན་མོ་གཉིས་བཀོད་སྒྲིག་བྱས་ཡོད།

༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་བསམ་གཞིགས་གཏོང་བར་དགའ་བའི་ཚན་རིག་པ་གྲགས་ཅན་ཉིག་ཏུན་ལོ་ན་ཆུང་དུས་ཀྱི་གཏམ་རྒྱུད་ཐུང་ངུ་ཞིག་བཤད་པ་བརྒྱུད་གྲོགས་པོ་ཆུང་ཆུང་ཚོ་ཡང་བསམ་གཞིགས་གཏོང་བ་དང་ལག་པ་འགུལ་རྒྱུར་དགའ་བའི་མི་ཞིག་བྱ་དགོས་པའི་གནས་ལུགས་ཐུང་ངུ་ཞིག་བཤད་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།