ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ རིག་པའི་སྐར་ཁུང་གི་ནང་དུའཛམ་གླིང་གི་ཆུ་བོ་ཆེན་པོ་བཅུ་ནི་གང་དག་ཡིན་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱེད་རྒྱུ་དང་བོད་ཀྱི་གཏམ་དཔེ་གསུམ་ལ་སློབ་སྦྱོང་བྱེད་པ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཡུལ་ཚོ་ངམ་ར་གྲོང་སྡེ་ཡི་སློབ་གྲོགས་ཚེ་རིང་ལྷ་མོས་བྲིས་པའི་ཁྲུང་ཁྲུང་དཀར་མོ་ཞེས་པའི་རྩོམ་ཐུང་ཞིག་ཀློག་འདོན་བྱེད་པ།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་ཆུང་ཆུང་བསྟན་འཛིན་ཆོས་རྒྱལ་གྱིས་བླངས་པའི་ང་ཡི་འཇིག་རྟེན་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་སྒྱུར་བསྐྲུན་ལྟེ་གནས་ཀྱི་ན་གཞོན་སྐད་སྒྱུར་བ་རིན་ཆེན་འཚོ་ཡིས་བཤད་པའི་སྤྱང་ཀི་ཆུང་མར་བརྫུས་པ་ཞེས་པའི་གཏམ་རྒྱུད་ཅིག་དང་བྱ་གག་བཙོག་པོ་ཞེས་འཛམ་གླིང་བྱིས་སྒྲུང་གྲགས་ཅན་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།