ན་ཆུང་བྱིས་པའི་དགའ་ཚལ། སྟོན་ཁར་སྡོང་ལོ་སར་ལྷུང་བའི་རྒྱུ་མཚན་ཅི།
2020.10.10 ཁུངས། ཀློག་གྲངས། 61

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ རིག་པའི་སྐར་ཁུང་གི་ནང་དུ་སྟོན་ཁར་སྡོང་ལོ་ས་རུ་ལྷུང་བའི་རྒྱུ་མཚན་ཅི་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་དང་འབྲེལ་ནས་ཤིང་སྡོང་གིས་མིའི་རིགས་ལ་བདེ་སྐྱིད་གང་དག་བསྐྲུན་ཡོད་པའི་ཐད་ཀྱི་རྒྱུན་ཤེས་ཐུང་ངུ་ཞིག་ངོ་སྤྲོད་བྱེད་པ་དང་རྒྱུན་སྤྱོད་གཏམ་དཔེ་གསུམ་བཅས་བཀོད་སྒྲིག་བྱས་ཡོད།

༢  ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཟླ་བ་གཡང་འཛོམས་ཀྱིས་བླངས་པའི་ང་དང་ལུ་གུ་ཆུང་ཆུང་དང་བསྟན་འཛིན་ཆོས་རྒྱལ་གྱིས་བླངས་པའི་ན་ཆུང་ཚོ་ཞེས་པའི་བྱིས་གླུ་སྙན་མོ་གཉིས་་བཀོད་སྒྲིག་བྱས་ཡོད།

༣    ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རི་བོང་ཁ་ཤོར་གྱུར་བའི་རྒྱུ་མཚན་ཅི་ཞེས་པའི་ངག་རྒྱུན་གཏམ་རྒྱུད་ཅིག་དང་བོད་ཀྱི་གློག་བརྙན་སྐད་སྒྱུར་བ་གྲགས་ཅན་སྐལ་བྷེ་ལགས་ཀྱིས་བཤད་པའི་འབའ་འབའ་ལུ་གུ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

 ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།