ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རི་བོང་ཁ་ཤོར་གྱུར་བའི་རྒྱུ་མཚན་ཅི་ཞེས་པའི་གཏམ་རྒྱུད་ཀྱི་ཁག་གཉིས་པ་དང་རི་བོང་གིས་སྟག་བཏུལ་བ་ཞེས་པའི་གཏམ་རྒྱུད་ཅིག་བཤད་པ་བརྒྱུད་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ང་ཚོས་རང་ལས་དམན་པ་དང་ཉམས་ཆུང་བ་ལ་བརྙས་བཅོས་དང་ཐུབ་ཚོད་བྱ་མི་རུང་བའི་གནས་ལུགས་ཐུང་ངུ་ཞིག་བཤད་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གཞས་མ་ཆུང་ཆུང་ཀླུ་མོ་ཡག་གིས་བླངས་པའི་ཨ་ཁུ་ཉི་མ་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་གད་སྙིགས་ལ་དགོས་པ་ཡོད་དམ་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱེད་པ་དང་རྒྱུན་སྤྱོད་གཏམ་དཔེ་གསུམ་བཅས་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།