ན་ཆུང་བྱིས་པའི་དགའ་ཚལ། སློབ་སྦྱོང་གི་ཁྲོད་དོགས་གནས་ལ་འཕྲད་ན་ཅི་བྱ་དགོས།
2020.10.30 ཁུངས། ཀློག་གྲངས། 91

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད།   རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡   ཐོས་པ་དགའ་སྐྱེད་ཀྱི་ནང་དུ་སྲོག་ཆགས་ཀྱིས་བུ་མོ་བསྐྱབས་པ་ཞེས་པའི་གཏམ་རྒྱུད་ཅིག་བཤད་པ་བརྒྱུད་ཉམས་ཆུང་སྲོག་ཆགས་ཡིན་ཡང་མང་པོ་གཅིག་ཏུ་བློ་མཐུན་པོ་བྱུང་ན་བྱ་བ་ཆེན་པོ་འགྲུབ་པའི་གནས་ལུགས་ཐུང་ངུ་ཞིག་བཤད་པ་དང་རྒྱུན་སྤྱོད་གཏམ་དཔེ་གསུམ་བཅས་བཀོད་སྒྲིག་བྱས་ཡོད།

༢  ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཚེ་རིང་དོན་གྲུབ་ཀྱིས་བླངས་པའི་རིག་པའི་གྲོགས་པོ་ཞེས་པའི་་རྡུང་ལེན་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།

༣   རིག་པའི་སྐར་ཁུང་གི་ནང་དུ་སློབ་སྦྱོང་བྱེད་སྐབས་དོགས་གནས་ལ་འཕྲད་ན་མི་གཞན་ལ་འདྲི་དགོས་པ་ལས་མི་ཤེས་ཤེས་མདོག་བྱེད་མི་རུང་བའི་ཐད་ཀྱི་ཁ་བརྡ་ཐུང་ངུ་ཞིག་བཅས་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།