ན་ཆུང་བྱིས་པའི་དགའ་ཚལ། ཕྱུག་པོས་རྐུ་བྱས་པ།
2020.11.09 ཁུངས། ཀློག་གྲངས། 111

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད་ཀྱི་ཚན་པ་ཆུང་ངུ་གཉིས་བཀོད་སྒྲིག་བྱས་ཡོད།

༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཁམ་སྡོང་དང་འབྲས་མེད་སྡོང་བོའི་གཏམ་རྒྱུད་ཞེས་པ་བརྒྱུད་ནས་རང་ལ་ཡོན་ཏན་ཅི་ཙམ་མངའ་ཡང་ང་རྒྱལ་སྐྱེ་མི་རུང་བའི་ཐད་ཀྱི་གནས་ལུགས་ཐུང་ངུ་ཞིག་བཤད་པ་དང་ཕྱུག་པོས་རྐུ་བྱས་པ་ཞེས་པའི་བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཅིག་བཤད་པ་བརྒྱུད་རྒྱུན་སྤྱོད་གཏམ་དཔེ་གསུམ་བདམས་ནས་དེ་དག་སྐད་ཆའི་ཁྲོད་ཇི་ལྟར་བཀོལ་དགོས་ཚུལ་བཤད་ཡོད།

༢ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་མེ་ཏོག་ཚན་སྡེབ་ཀྱིས་བླངས་པའི་གཅེས་ཕྲུག་གསུམ་ཞེས་པའི་བྱིས་གླུ་སྙན་མོ་ཞིག་དང་མཐུན་སྒྲིལ་ཅེས་པའི་རྡུང་ལེན་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།     

༣ རིག་པའི་སྐར་ཁུང་གི་ནང་དུ་ཉིན་མཚན་གྱི་དབྱེ་བ་ཡོད་པའི་རྒྱུ་མཚན་ཅི་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད།

       རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།     

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

                                                         སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།