ན་ཆུང་བྱིས་པའི་དགའ་ཚལ། ཉིན་མཚན་ལ་དབྱེ་བ་ཡོད་པའི་རྒྱུ་མཚན་ཅི།
2020.11.12 ཁུངས། ཀློག་གྲངས། 233

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ རིག་པའི་སྐར་ཁུང་གི་ནང་དུ་སློབ་གྲོགས་ཆུང་ཆུང་ལྷ་མོ་སྒྲོལ་མས་བཏོན་པའི་ཉིན་མཚན་ལ་དབྱེ་བ་ཡོད་པའི་རྒྱུ་མཚན་ཅི་ཞེས་པའི་དྲི་བར་ལན་འདེབས་པ་དང་ཁ་པར་གྱིས་བྱིས་པར་གནོད་འཚེ་གང་དག་ཐེབས་བཞིན་ཡོད་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཁ་བརྡ་ཐུང་ངུ་ཞིག་བྱེད་པ།

༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་སློབ་གྲོགས་ཆུང་ཆུང་ལྷ་མོ་གཡང་སྒྲོལ་གྱིས་བཤད་པའི་ཚོགས་འདུ་ཞེས་པའི་ཁ་ཤགས་ཅིག་དང་འབྲུག་མོ་སྐྱིད་ཀྱིས་བཤད་པའི་སྤྱང་གྲུང་ལྡན་པའི་ལུ་གུ་ཆུང་ཆུང་ཞེས་པའི་གཏམ་རྒྱུད་ཐུང་ངུ་ཞིག  ཁྭ་ཏ་ཞེས་པའི་གཏམ་རྒྱུད་ཅིག་བཅས་བཀོད་སྒྲིག་བྱས་ཡོད།

༣ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་བསོད་ནམས་ནོར་བུས་བླངས་པའི་ན་ཆུང་ཚོ་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།