ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ རིག་པའི་སྐར་ཁུང་གི་ནང་དུ་ཕ་མས་གང་འདོད་དུ་རང་གི་བུ་ཕྲུག་ལ་གཅར་རྡུང་དང་གཤེ་གཤེ་གཏོང་རུང་ངམ་ཞེས་པའི་ཁ་བརྡ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གཞས་མ་ཆུང་ཆུང་ཟླ་བ་གཡང་འཛོམས་ཀྱིས་བླངས་པའི་ང་དང་འབའ་འབའ་ལུ་གུ་དང་ལྷ་མོ་འཚོས་བླངས་པའི་གཅེས་ནོར་ཞེས་པའི་བྱིས་གླུ་སྙན་མོ་གཉིས་བཀོད་སྒྲིག་བྱས་ཡོད།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་སློབ་གྲོགས་ཆུང་ཆུང་མཁར་རིལ་སྐྱིད་ཀྱིས་བླངས་པའི་ལོ་ལོན་མི་མཁོ་ལོ་ལོན་མཁོ་ཞེས་པའི་གཏམ་རྒྱུད་ཅིག་དང་རང་ལ་བརྟེན་པ་ཞེས་པའི་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་ཅིག་བཤད་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ།ཆོས་ཕྱུག་རྒྱལ།