ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་གྱི་སྐུད་ལམ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་ཆ་ཚང་སློབ་ཆུང་དང་པོ་རུ་སྤྲེལ་ཡོད་ལ། ལེ་ཚན་ནང་ཐོས་པ་དགའ་སྐྱེད་ཀྱི་ཚན་པ་བཀོད་སྒྲིག་བྱས་ཡོད།
༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཉེ་ལམ་ཉིན་མཐའ་གྲོང་རྡལ་བཅའ་སྡོད་ཆ་ཚང་སློབ་ཆུང་དང་པོས་སྤེལ་བའི་སྙན་ངག་གྱེར་འདོན་བྱ་འགུལ་སྟེ་རེ་བའི་དབྱངས་རྟའི་ཁྲོད་ཞུགས་པའི་སློབ་གྲོགས་ཆུང་ཆུང་གསུམ་གྱིས་སྙན་ངག་གྱེར་འདོན་བྱས་པ་བརྒྱུད་བོད་སྐད་ཡིག་ཁྲིད་དཔྱོད་ཁང་གི་དགེ་རྒན་མགོན་སྐྱབས་རྒྱལ་ལགས་ནས་སློབ་གྲོགས་ཆུང་ཆུང་ཚོས་སྙན་ངག་གྱེར་འདོན་བྱས་པའི་ཕན་ནུས་དང་སྙན་ངག་གྱེར་འདོན་བྱེད་དུས་ཕྱོགས་གང་དག་ལ་མཉམ་འཇོག་བྱེད་དགོས་པའི་སྐོར་གྱི་ཁ་བརྡ་ཐུང་ངུ་ཞིག་བྱས་ཡོད།
ཐེངས་འདིའི་ལེ་ཚན་ཁྲོད་ཞུགས་མཁན་གྱི་སློབ་གྲོགས་ཆུང་ཆུང་ཚེ་དཔལ་མཚོ་མོ།
ཐེངས་འདིའི་ལེ་ཚན་ཁྲོད་ཞུགས་མཁན་གྱི་སློབ་གྲོགས་ཆུང་ཆུང་བཀྲ་ཤིས་དོན་གྲུབ།
རེ་བའི་དབྱངས་རྟའི་ཁྲོད་ཀྱི་སློབ་གྲོགས་ཆུང་ཆུང་ཚོ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།