ན་ཆུང་བྱིས་པའི་དགའ་ཚལ།རང་ཁྱིམ་ནས་ཇི་ལྟར་སློབ་སྦྱོང་བྱས་ན་བཟང་།
2021.01.19 ཁུངས། ཀློག་གྲངས། 54

     ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་ཐོས་པ་དགའ་སྐྱེད་དང་རིག་པའི་སྐར་ཁུང་། ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

 ༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཐོས་པ་དགའ་སྐྱེད་རྟགས་མའི་གནའ་གཏམ་འགྲན་བསྡུར་སྐབས་གཉིས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་འགྲན་སྐོར་ལས་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ་བཅས་ཐོབ་མཁན་གྱི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གནའ་གཏམ་གསུམ་བཀོད་སྒྲིག་བྱས་ཡོད།

 ༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཟླ་བ་གཡང་འཛོམས་ཀྱིས་བླངས་པའི་ང་དང་ལུ་གུ་ཆུང་ཆུང་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།

 ༣ རིག་པའི་སྐར་ཁུང་གི་ནང་དུ་སློབ་གྲོགས་ཆུང་ཆུང་ཚོ་དང་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་དགུན་གནང་གི་སྐབས་སུ་རང་ཁྱིམ་ནས་ཇི་ལྟར་སློབ་སྦྱོང་བྱེད་དགོས་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་སློབ་གྲོགས་ཆུང་ཆུང་ཚོ

   གནའ་གཏམ་འགྲན་ཞུགས་པ་ཆུང་ཆུང་ཚོ།

རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་སློབ་གྲོགས་ཆུང་ཆུང་ཚོའི་ལག་བཟོས་སྒྱུ་རྩལ།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།