ན་ཆུང་བྱིས་པའི་དགའ་ཚལ། བྱིས་སྒྲུང་ལྟ་ཀློག་བྱེད་དུས་གང་དག་ལ་མཉམ་འཇོག་བྱེད་དགོས།
2021.01.28 ཁུངས། ཀློག་གྲངས། 134

  ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་ཐད་གཏོང་ལེ་ཚན་ནང་ཐོས་པ་དགའ་སྐྱེད་དང་རིག་པའི་སྐར་ཁུང་། ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

  ༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཐོས་པ་དགའ་སྐྱེད་རྟགས་མའི་གནའ་གཏམ་འགྲན་བསྡུར་སྐབས་གཉིས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་གངས་ལྫོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་འགྲན་སྐོར་ལས་བྱ་དགའ་ཐོབ་མཁན་གྱི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གནའ་གཏམ་བཀོད་སྒྲིག་བྱས་ཡོད།

 ༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་དབྱངས་གསལ་སུམ་ཅུ་གསེར་གྱི་ཉི་ཟླ་ཡིན་ཞེས་པའི་བྱིས་གླུ་ཞིག་བཀོད་སྒྲིག་བྱས་ཡོད།

 ༣ རིག་པའི་སྐར་ཁུང་གི་ནང་དུ་གྲོགས་པོ་ཆུང་ཆུང་ཚོས་བྱིས་སྒྲུང་ལྟ་ཀློག་བྱེད་དུས་ཕྱོགས་གང་དག་ལ་མཉམ་འཇོག་བྱེད་དགོས་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད།


གངས་ལྫོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་འགྲན་ཞུགས་པ་ཆུང་ཆུང་ཚོ།

བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ་མཁན་གྱི་སློབ་གྲོགས་ཆུང་ཆུང་ཚོ།

གནའ་གཏམ་འགྲན་བསྡུར་གྱི་ཚོགས་རའི་ཟུར་ཞིག

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ། 

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།