ན་ཆུང་བྱིས་པའི་དགའ་ཚལ། ལོ་སར་ཆེད་སྒྲིག་ལེ་ཚན་སྨོན་འདུན་ངག་གི་རྩེད་འཇོ།
2021.02.19 ཁུངས། ཀློག་གྲངས། 1371

མཚོ་སྔོན་བོད་སྐད་རླུང་འཕྲིན་ན་ཆུང་བྱིས་པའི་དགའ་ཚལ་ལེ་ཚན་གྱི་བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་གླང་ལོའི་ལོ་སར་ཆེད་སྒྲིག་ལེ་ཚན《སྨོན་འདུན་ངག་གི་རྩེད་འཇོ》ཞེས་པ་ཁྲི་ཀ་རྫོང་ཨ་མའི་ནོར་བུ་བྱིས་སྐྱོང་གླིང་དང་བདེ་སྐྱིད་མེ་ཏོག་བྱིས་སྐྱོང་གླིང་ནས་སྒྲ་ཕབ་བྱས། ཐེངས་འདིའི་ལོ་སར་ཆེད་སྒྲིག་ལེ་ཚན་ཡང་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཁྱད་ཆོས་དང་མཐུན་པའི་སྒོ་ནས་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཚན་ཆུང་གསུམ་དུ་དབྱེས་ཡོད།

ཟས་མཆོད་ཁ་མེད་ན་ཟ་སྲོལ་མེད།  གཏམ་ཀུ་རེ་མེད་ན་བཤད་སྲོལ་མེད།

ཁ་བཏགས་དཀར་པོ་ལག་ཏུ་བཟུང་ཡོད།  ཁ་བ་ཅན་ལ་ཁ་གཡང་བོས་ཡོད།

དཀར་ཡོལ་འབྲུག་མའི་ནང་ལ། བདུད་རྩི་བསིལ་མ་འཁྱིལ་ཡོད།

སྐྱིད་པའི་གླུ་ཞིག་བླངས་ཡོད།  དགའ་བའི་བྲོ་ཞིག་འཁྲབ་ཡོད། 

གླུ་སྒོ་ཆང་གིས་ཕྱེས་ཡོད།  གཏམ་སྒོ་དར་གྱིས་དྲངས་ཡོད། 

ཁྲོམ་ཆེན་པོའི་ངོ་སོ་གླུ་ཡིས་བསྟོད།  གླུ་ཡང་ཡང་ལེན་པའི་སྨོན་ལམ་འདེབས།

བོད་མི་རེ་ཁ་ན་གླུ་རེ་ཡོད།  གླུ་རེ་རེ་ནང་ན་དོན་རེ་ཡོད།

ཁྲོམ་ཆེན་དཀྱིལ་གྱི་གླུ་བ་ཆུང་ཆུང་།  མ་འོངས་པའི་རྒྱུད་འཛིན་པ་རྣལ་མ།

ང་ཚོར་བཤད་མི་ཚར་བའི་གནའ་གཏམ་ཡོད། བླངས་མི་ཚར་བའི་གླུ་ཤགས་ཡོད། 

གནའ་གཏམ་རེ་རེ་རྒྱབ་ལོགས་སུ་མི་ཆོས་ཀྱི་གནས་ལུགས་དང་བསླབ་བྱ་རེ་རེ་ཡོད། 

ཨ་མྱེས་ཀྱི་གནའ་གཏམ་ནི་ཆུང་བྱིས་དུས་ཀྱི་དྲན་པ་ཡིན། 

ཅོ་ཀའི་དྲུག་འགྱུར་ནང་ནས་གླུ་ལེན་མཁན། ཐོས་པ་དགའ་སྐྱེད་ནང་ནས་གཏམ་བཤད་མཁན། 

བདེ་མོ་གར་ཞིག་འཁྲབ་ཡོད། སྙན་མོ་གླུ་ཞིག་བླངས་ཡོད།

མི་ཤེས་ན་རྒན་ལ་དྲིས། མི་རིག་ན་སྒང་ལ་བུད་ཟེར་བ་ལྟར་རྒན་བཀྲ་ཁོས་གླུ་དང་གཏམ་བཤད་ཁྲིད་བཞིན་པ།

ཨ་མའི་འཛུམ་ཆུང་ནང་ན། མེ་ཏོག་ཆུང་ཆུང་གསུམ་ཡོད།

གསལ་བྱེད་སུམ་ཅུ་ང་ཡི་རྒྱན་ཆ་ཡིན།  པི་ཝང་ཆུང་ཆུང་ང་ཡི་རྩེད་གྲོགས་ཡིན། 

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་པ། བསམ་འགྲུབ་མཚོ།

རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 15202581289

སྐད་འཕྲིན། boyutb

ཡིག་ཟམ། 824136958@qq.com