ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་གསུམ་བཀོད་སྒྲིག་བྱས་ཡོད།
༡ རིག་པའི་སྐར་ཁུང་གི་ནང་དུ་གོན་པ་དང་མཁོ་ཆས་གང་སར་གཡུག་པའི་གོམས་སྲོལ་དེ་མི་ལེགས་པའི་རྒྱུ་མཚན་ཅི་ཞེས་པའི་ཀུན་སྤྱོད་མཛུབ་སྟོན་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་དང་འཛམ་གླིང་གི་རྩིས་རིག་མཁས་ཅན་ཧྭ་ལོ་ཀུན་བྱིས་པ་པྲ་ཆལ་ཞིག་ནས་རྩིས་རིག་པ་ཆེན་པོར་གྱུར་བའི་གཏམ་རྒྱུད་མདོར་བསྡུས་ཤིག་བཤད་པ།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གཞས་མ་ཆུང་ཆུང་རྡོ་རྗེ་མཚོ་མོས་བླངས་པའི་ཨ་བོ་བྱེའུ་ཆུང་ཞེས་པ་དང་སྡེར་མོ་ཅན་གྱི་རྩྭ་གཟན་གསུམ་ཞེས་པའི་བྱིས་གླུ་སྙན་མོ་བཀོད་སྒྲིག་བྱས་ཡོད།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ནོར་བུ་བླངས་བའི་གཏམ་རྒྱུད་ཞེས་པ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་བོད་ཡིག་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་བཤད་པའི་གཏམ་རྒྱུད་བཅས་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་མཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།